Please enable JavaScript.
Coggle requires JavaScript to display documents.
སློབ་སྟོན་འཆར་གཞི། - Coggle Diagram
སློབ་སྟོན་འཆར་གཞི།
སྦྱོང་ལཱ།
སྦྱོང་ལཱ་༡ པ། རྩང་མོ་ཤོག་ལོ་ཀ་༢ གསར་རྩོམ་འབད་ནི། བཀོད་རྒྱ། ཆ་ཟུང་སྦེ་སྡོད་ཐོག་ལས་ ཕམ་དང་སློབ་དཔོན་ལུ་ གཞི་བཞག་སྟེ་ རྩང་མོ་ཤོག་ལོ་ཀ་༢ གསར་རྩོམ་འབད་ནི།
སྦྱོང་ལཱ་རྒྱབ་སྐྱོར།
གྱལ་བཤལ་ཡི་རང་ མ་ཤེས་མི་ཚུ་ལུ་ སློབ་སྟོན་པ་རང་གིས་ ཚིག་བཙུགས་ཐངས་དང་ ཧན་ཏོང་ཏོ་སྦེ་བཟོ་ཐངས་ལུ་ རྒྱབ་སྐྱོར་འབད་ནི།
རྒྱ་སྐྱེད་སྦྱོང་ལཱ།
-
སྦྱོང་ལཱ་དབྱེ་ཞིབ།
སྦྱོང་༡ པ་འདི་ དུས་ཚོད་ཁར་ བརྩམ་ཚར་ཡི་ག་ མ་ཚར་ག་ རེ་རེ་བཞིན་དུ་འབད་ས་འགྱོ་ཏེ་ དབྱེ་ཞིབ་འབད་ནི། སྦྱོང་ལཱ་༢ པ་འདི་ གདངས་དབྱངས་ཀྱི་ཐོག་ལས་ འཐེན་བཅུག་སྟེ་ བུཚུ་དང་བུམོ་གི་བར་ན་ འགརན་བསྡུར་འབད་བཅུག་སྟེ་ རྒྱབ་སྣོན་རེ་འབད་དགོཔ་ཡོད་པ་ཅིན་ རྒྱབ་སྐྱོར་འབད་ནི།
-
སློབ་སྟོན་བརྡ་སྤྲོད།
དང་པ་ རྩང་མོའི་མིང་ཚིག་གི་གོ་བ་དང་ རྩང་མོའི་གོ་དོན་བཤད་ནི། གཉིས་པ་ རྩང་མོ་འདི་ ལྷབ་སྦྱང་འབད་དགོ་པའི་དགོས་ སློབ་སྟོན་འབད་ནི། གསུམ་པ་ རྩང་མོ་ལུ མོ་བཏབ་ཐངས་འདི་ ག་དེ་སྦེ་ཡོད་ག་ དཔེ་སྟོན་འབད་ཐོག་ལས་ སློབ་སྟོན་འབད་ནི། བཞི་པ་ རྩང་མོ་འདི་ རྩམ་དགོ་པ་ཅིན་ རྩམ་པའི་སྐབས་ ག་དེ་སྦེ་རྩམ་དགོཔ་ཨིན་ན་ ཁྱད་ཆོས་ག་ཅི་རང་ ཚང་དགོཔ་ཨིན་ན་ ཁ་གསལ་སླབ་ནི། ལྔ་པ་ རྩང་མོའི་གདངས་དབྱངས་མ་འདྲཝ་ལེ་ཤ་ཡོད་པའི་ནང་ལས་ གདངས་དབྱངས་མ་འདྲཝ་ ༢ ལྷབ་སྦྱང་འབད་དེ་ རྩང་མོ་གསར་འབད་བཅུག་སྟེ་ གདངས་དབཡངས་གཉིས་ ལག་ལེན་འཐབ་ཐགོ་ལས་ སྦཡང་བ་འབད་ནི།
-
སློབ་སྦྱོང་ལས་དོན།
སློབ་སྟོན་མཇུག་བསྡུཝ་ད་ སློབ་ཕྲུག་རེ་རེ་བཞིན་དུ་གིས་་་་་་་་། རྩང་མོའི་ཟེར་བའི་ གོ་དོན་འཛོལ་བ་མེད་པར་ ལེགས་ཤོམ་སྦེ་སླབ་ཚུགས། རྩང་མོའི་གདངས་དབྱངས་མ་འདྲཝ་ཡོད་མི་ལས་ གདངས་དབྱངས་༢ ཤེས་ཚུགས། བློ་རིག་ི་ཐོག་ལས་ རྩང་མོ་གསར་བརྩོམ་འབད་ཚུགས།
སློབ་སྟོན་ངོ་སྤྲོད།
ཁ་བཟང་བརྗེ་སོར་འབད་ནི། ཨ་ལོ་ཚང་མ་ཚང་བལྟ་ནི། ཧེ་མ་ལས་ ལྷབ་སྦྱང་འབད་ཡོད་པའི་དོན་ཚན་ཚུ་ དྲི་བ་དྲིས་ལན་འབད་དེ་ བསྐྱར་ཞིབ་འབད་ནི། དེ་ལས་ དོན་ཚན་འདི་ སློབ་སྟོན་པ་རང་གིས་ ངོ་སྤྲད་མ་འབད་བའི་ཧེ་མ་ རྩང་མོ་ཤོག་ལོ་ཀ་༡ སྟོན་ཞིནམས་ལས་ ཨ་ལོ་ཚུ་ལུ་འཐེན་བཅུག་སྟེ་ ད་རེས་ རྩང་མོ་གི་སྐོར་ལས་ ལྷབ་ནི་ཨིན་ཟེར་ ངོ་སྤྲོད་འབད་ནི།
སློབ་སྟོན་མཇུག་བསྡུ།
སློབ་སྟོན་མཇུག་བསྡུ་གི་སྐཕས་ལུ་ དོན་ཚན་འདི་ ཧ་གོ་ཡོདཔ་དང་མེདཔ་ ཤེས་ཚུགས་ནི་དོན་ལུ་ སློབ་སྟོན་འབད་ཚར་མི་ལུ་ གཞི་བཞག་སྟེ་ དྲི་བ་དྲིས་འབད་ནི་དང་ ཧ་མ་གོ་བ་ཡོད་པ་ཅིན་ སློབ་སྟོན་པ་རང་གིས་ རྒྱབ་སྣོན་འབད་དེ་ ཧ་གོ་ཡོདཔ་བཟོ་ནི།
-
-
-
-
-
-