Please enable JavaScript.
Coggle requires JavaScript to display documents.
རྫོང་ཁའི་སློབ་སྟོན་འཆར་གཞི། - Coggle Diagram
རྫོང་ཁའི་སློབ་སྟོན་འཆར་གཞི།
སློབ་སྟོན་བརྡ་སྤྲོད།
མཁོ་ཆས།
https://www.youtube.com/watch?v=8_CN62jepUw
གློག་ཐུང་འདི་ སློབ་སྟོན་བརྡ་སྤྲོད་ཀྱི་སྐབས་ལུ་ ལག་ལེན་འཐབ་ནི་ཨིན
དབྱེ་དཔྱད་ཐོ་གི་དོན་ལུ་ ཨེབ་གནང་།
:
སྦྱོང་ལཱ་འབད་ཞིནམ་ལས་ གྲུབ་འབྲས་ཚུ་ཐོ་བཞག་ནི།
བཤུད་བརྙན་ལུ་
ཨེབ་གནང་།
སློབ་སྟོན་བརྡ་སྤྲོད་ཀྱི་དོན་ལུ་ ལག་ལེན་འཐབ་ནི།
མཐུན་སྒྲིག་གི་དོན་ལུ་ ཨེབ་ནི།
ལཱ་ཤོག་འདི་ སྦྱོང་ལཱ་འབད་བའི་སྐབས་ལུ་ ལག་ལེན་འཐབ་ནི་ཨིན།
རིག་བསྡུར་གྱི་དོན་ལུ་ ཨེབ་ནི།
སློབ་སྟོན་མཇུག་བསྡུ་བའི་སྐབས་ལུ་ ལག་ལེན་འཐབ་ནི་ཨིན།
ཡུལ་ཚིག་གི་གོ་དོན་སླབ་ནི།
ཡུལ་ཚིག་བརྒྱད་རེ་རེ་བཞིན་དུ་ ངོས་འཛིན་འབད་དེ་སློབ་སྟོན་འབད་ནི། ppt ནང་ལས་ ཡུལ་ཚིག་གི་མིང་དང་པར་ཚུ་རེ་རེ་བཞིན་དུ་ སློབ་ སྟོན་འབད་ནི།
ལག་བརྡ་འབད་དེ་ སློབ་ཕྲུག་ཚུ་ལུ་ཡུལ་ཚིག་སླབ་བཅུག་ནི།དཀའ་ངལ་ འཐོན་པ་ཅིན་ངོས་འཛིན་ འབད་ནི་ལུ་རྒྱབ་སྐྱོར་འབད་ནི།
ཆོས་ཚན།
རྫོང་ཁ།
སློབ་རིམ།
དང་པ།
དོན་ཚན།
ཡུལ་ཚིག་གི་སྐོར།
དུས་ཚོད།
སྐར་མ་༥༠།
ཐུན་ཚན།
གསུམ་པ།
ལས་དོན།
སློབ་སྟོན་མཇུག་བསྡུཝ་ད་ སློབ་ཕྲུག་རེ་རེ་བཞིན་དུ་གིས་་་་་་་་་་་་་་་་་་་་་་་་་་།
ཡུལ་ཚིག་བརྒྱད་ཀྱི་མིང་ལེགས་ཤོམ་སྦེ་ལྷག་ཚུགས་ནི།
ཡུལ་ཚིག་བརྒྱད་ཀྱི་གོ་དོན་ འཛོལ་བར་མེད་པར་ལེགས་ཤོམ་སྦེ་སླབ་ཚུགས་ནི།
ཡུལ་ཚིག་བརྒྱད་རེ་རེ་བཞིན་དུ་གི་ པར་ལེགས་ཤོམ་སྦེ་བྲིས་ཚུགས་ནི།
སློབ་སྟོན་ངོ་སྤྲོད།
ཁ་བཟང་བརྗེ་སོར་འབད་ནི། དགོས་མཁོ་དང་བསྟུན་དྲན་པ་བཀུག་ནིའི་དོན་ལུ་ཞབས་ཁྲ་འཐེན་བཅུག་ནི། དེ་ལས་ དང་པ་ པར་རིགས་སྟོན་ཐོག་ལས་ དོན་ཚན་འདི་ ག་ཅི་སྐོར་ལས་ཨིན་ན་ ངོས་འཛིན་འབད་བཅུག་སྟེ་ ད་རེས་ དོན་ཚན་ཡུལ་ཚིག་གི་སྐོར་ལས་ ལྷབ་ནི་ཨིན་ཟེར་ ངོ་སྤྲོད་འབདཞིནམ་ལས་ སློབ་སྟོན་འགོ་བཙུགས་ནི།
སློབ་སྟོན་མཇུག་བསྡུ།
སློབ་སྟོན་མཇུག་བསྡུ་གི་སྐབས་ལུ་ སློབ་དཔོན་གྱིས་ཁག་ཆེའི་དོན་ཚན་ཚུ་ བསྐྱིར་ཞིབ་འབད་་ནི་དང་ སློབ་ཕྲུག་ཚུ་གིས་ ག་དེམ་ཅིག་ཧ་གོ་ཡི་ག་ བལྟ་ནིའི་དོན་ལུ་ དྲི་བ་དྲིས་ལེན་Quizizz གི་ཐོག་ལས་ དབྱེ་ཞིབ་ རྒྱབ་བསྣོན་རེ་འབད་དེ་ སློབ་སྟོན་མཇུག་བསྡུ་ནི།
སྦྱོང་ལཱ།
སློབ་ཕྲུག་ཚུ་ལུ་ ལཱ་ཤོག་འདི་སྤྲོད་ཞིནམ་ལས་ ལཱ་ཤོག་ནང་ཡོད་པའི་ཡུལ་ཚིག་གི་མིང་དང་པར་ མཐུན་སྒྲིག་འབད་བཅུག་ནི།
སྦྱོང་ལཱ་རྒྱབ་སྐྱོར།
ཡུལ་ཚིག་ལྷག་མ་ཚུགས་མི་ཚུ་ལུ་ ལྷག་ཐངས་སྟོན་ཏེ་རྒྱབ་སྐྱོར་བྱིན་ནི།
སྦྱོང་ལཱ་དབྱེ་ཞིབ།
སློབ་ཕྲུག་ཚུ་གི་མཐུན་སྒྲིག་འབད་མི་འདི་ ཕོག་མ་ཕོག་བལྟ་ནིའི་དོན་ལུ་ སློབ་དཔོན་གྱིས་ དམངས་ཁར་གྲོས་སྟུན་འབད་ནི། དེ་ལས་སློབ་ཕྲུག་གིས་འབད་མི་སྦྱོང་ལཱ་འདི་ དབྱེ་ཞིབ་འབད་ནིའི་དོན་ལུ་བསྡུ་ནི།